Tibetan Student Survey
Sign in to Google to save your progress. Learn more
ངོ་སྤྲོད།
ང་ཚོའི་རྫོང་གི་དཔྱད་ཞིབ་ནང་དུ་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ། ནོའོ་ཊེ་ཧམ་ཊོན་སློབ་གྲྭའི་རྗོང་ (Northampton School District) གི་གལ་ཆེའི་འབྲེལ་ཡོད་ཆ་ཤས་ཡིན་པའི་ཆ་ནས་ང་ཚོས་ཁྱེད་ཀྱི་ས་ནས་ཁྱེད་ཀྱི་སློབ་ཕྲུག་གི་མྱོང་ཚོར་སྐོར་ཤེས་འདོད་ཆེན་པོ་ཡོད།
 
ང་ཚོས་ང་ཚོ་སྤྲོ་སེམས་འཁོལ་བའི་ངང་ཤེས་ཡོན་ཐེབས་རྩ་ (The Education Trust) ལྷན་དུ་ང་ཚོས་མཉམ་ལས་བྱ་རྒྱུ་ཡིན། ཐེབས་རྩ་དེ་ནི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་ཡིན་པ་དང་། དེས་སློབ་ཕྲུག་ཚང་མའི་ངོས་ནས་འགྲུབ་འབྲས་བཟང་པོ་ཐོན་ཐུབ་པའི་ཆེད་དུ་ཞུ་རྩོད་གནང་གི་ཡོད། དེ་ཡང་ལྷག་པ་མི་རིགས་དཀར་པོ་མིན་པ་དང་དཔལ་འབྱོར་གྱི་གནས་སྟངས་ཆ་ནས་ངེས་མེད་ཡིན་པ་ཚོའི་ཆེད་དུ་དེ་ལྟར་གནང་གི་ཡོད།

མཉམ་དུ། ནོའོ་ཐེམ་ཊོན་དང་ཤེས་ཡོན་ཐེབས་རྩ་གཉིས་ཀྱིས་དྲི་བ་ཕྱོགས་བསྡུས་བྱས་པ་ཞིག་བཟོས་ཡོད་པ་དེས་སློབ་ཕྲུག་མི་ངོ་རེར་འཛམ་གླིང་གི་རྩེ་ཕུད་ཤེས་ཡོན་སློབ་གསོ་ཇི་ལྟར་ཐོབ་ཐུབ་པ་ངེས་པའི་ཆེད་དུ་ང་ཚོར་ཕན་ཐོགས་བྱ་ཐུབ། ཁྱེད་ཀྱིས་ལན་འདེབས་གང་གནང་བ་འདི་དག་གིས་ང་ཚོར་གནས་གང་གི་ཐོག་ལ་ང་ཚོས་སློབ་ཕྲུག་ཚང་མའི་ཆེད་དུ་ཞབས་ཞུ་ཡག་པོ་སྒྲུབ་ཀྱི་ཡོད་པ་དང་གནས་གང་གི་ཐོག་ལ་ང་ཚོས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་རོགས་རམ་བྱ་ཐུབ། ང་ཚོའི་དམིགས་ཡུལ་ནི་སློབ་ཕྲུག་རེ་རེར་ཉེ་རིང་མེད་པ་དང་། འདྲ་མཉམ་ཡོད་པའི་ཁོར་ཡུག་ཅིག་གི་ནང་དུ་སློབ་སྦྱོང་སྤྲད་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ཡིན།  

གལ་སྲིད་ཁྱེད་ཀྱིས་མཉམ་ཞུགས་གནང་འདོད་མེད་ན། “རེད།” ཞེས་པ་དེ་ཁྱེད་ཀྱི་ལན་འདེབས་ཡིན་པའི་རྟགས་རྒྱག་རོགས་གནང་།

ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་ཀྱི་ས་ནས་ཤེས་ཐུབ་པའི་རེ་འདུན་དང་བཅས།


ཇོན། པོའོ་ལྦོ་སི་ཊི། (John Provost, Ed.D.)
 

སློབ་གྲྭ་ཁག་གི་བཀོད་འདོམས་པ། (Superintendent of Schools)

ང་མཉམ་ཞུགས་བྱ་འདོད་མེད། *
Next
Clear form
This form was created inside of Northampton Public Schools. Report Abuse